སྤྱིར་བཏང་མཐོང་སྣང་།
སྤྱིར་བཏང་མཐོང་སྣང་།
འབྲུག་རྒྱལ་ཁབ་ནང་ལུ་ གཙུག་སྡེ་རྙིང་ཤོས་ཅིག་ཨིན་མི་ གཞུང་གྲྭ་ཚང་འདི་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ སྐྱབས་མགོན་བླ་མ་ངག་དབང་རྣམ་རྒྱལ་མཆོག་གིས་ མི་ལོ་ ༤༠༠ གི་ཧེ་མ་ལས་ གཞི་བཙུགས་མཛད་དེ་ རིམ་པ་བཞིན་གདུང་བརྒྱུད་ལྷ་ལས་བྱོན་མི་ མི་དབང་ཆོས་རྒྱལ་རིམ་བྱོན་ཚུ་གི་དབུ་ཁྲིད་བཟང་པོའི་འོག་ལུ་འབྲུག་གི་རྩ་ཁྲིམ་ཆེན་མོའི་དགོངས་དོན་དང་འཁྲིལ་ སྲིད་དོན་ལས་འདས་པ་ རང་དབང་གི་གཙུག་སྡེ་གཅིག་སྦེ་ གཞུང་གྲྭ་ཚང་ལྟེ་བ་ཟེར་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་སྐུ་འབག་ཆེན་པོ་དང་རྗེ་མཁན་པོ་ སློབ་དཔོན་ལྷན་རྒྱས་ དེ་ལས་ གཞན་འཕགས་པའི་དགེ་འདུན་པ་ཚུ་ གནམ་དགུན་གྱི་བཞུགས་གནས་ གདན་ས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དང་གནམ་བྱཱར་གྱི་བཞུགས་གནས་ གདན་ས་བཀྲ་ཤིས་ཆོས་རྫོང་གཉིས་ཀྱིས་གཙོས་ གཞུང་གྲྭ་ཚང་ལྟེ་བའི་ཡན་ལག་ རབ་སྡེ་གྲྭ་ཚང་། དེ་བཟུམ་སྦེ་ རྫོང་ཁག་ ༢༠ ནང་ཡོད་པའི་ སྒྲུབ་སྡེ་ སྔགས་གྲྭ་ གཙུག་ལག་ཆེས་མཐོ་སློབ་གྲྭ་ མཐོ་རིམ་དང་འབྲིང་རིམ་བཤད་གྲྭ་ རྩིས་གཞུང་སློབ་གྲྭ་ དགོན་འཛིན་གྲྭ་ཚང་ གཞི་རིམ་སློབ་གྲྭ་ སྤེལ་ཁང་ དགོན་སྡེ་ སྒོམ་ཆེན་གྱི་སྡེ་ ཨ་ཎིའི་སྡེ་དང་ གཞུང་གྲྭ་ཚང་ནང་འཁོད་ཀྱི་ཡིག་ཚང་གི་རིགས་དང་ གཞན་ཡང་ གྲྭ་ཚང་ལྷན་ཚོགས་ཀྱིས་བདག་དབང་དང་ ངོས་ལེན་ཡོད་པའི་ཆོས་སྡེ་དང་ལས་སྡེ་ཚུ་ཚུདཔ་ཨིན།