
འབྲུག་གི་ནང་པ་སངས་རྒྱས་ཀྱི་ཆོས་དང་ སྲོལ་རྒྱུན་གྱི་ལམ་ལུགས་བཟང་པོ་ཚུ་ ཉམས་པ་མེད་པར་ འཛིན་སྐྱོང་འཕེལ་རྒྱས་གནས་ཐབས་ལུ་ དགེ་འདུན་གྱི་སྒྲིག་ལམ་གཙང་མ་གནས་ནི་དང་ འབྲུག་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་ལམ་སྲོལ་ཚུ་ལྷབ་སྦྱང་འབད་དེ་འཛིན་སྐྱོག་སྤེལ་གསུམ་འབད་ནི། ཉམས་ལེན་གྱི་སྙིང་པོ་བསྒོམ་སྒྲུབ་འབད་ནི་དང་ཆོ་ག་ཕྱག་ལེན་ཚུ་ལ་སློབ་སྦྱོང་གོང་འཕེལ་གཏང་ནི། དེ་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ཕན་ཐོགས་པའི་རྒྱབ་སྐྱོར་འབད་ནི། (འབྲུག་གི་ནང་པ་སངས་རྒྱས་ཀྱི་ཆོས་དང་ སྔར་ལས་བརྒྱུད་པའི་སྲོལ་རྒྱུན་ལམ་ལུགས་བཟང་པོ་ཚུ་ ཉམས་པ་མེད་པར་ རྟག་ཏུ་གནས་ཤིང་འཕེལ་རྒྱས་གཏང་ཐབས་ལུ་ ཐོག་མ་ར་ དགེ་འདུན་གྱི་སྡེ་གཙང་མ་དང་ འདུལ་བའི་སྒྲིག་ལམ་དག་པ་གནས་ནི་དེ་ རྩ་བ་ཡིན། དེ་ལས་ རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ལམ་སྲོལ་བཟང་པོ་ཚུ་ མི་རབས་གསར་པ་ཚུ་ལུ་ སློབ་སྦྱོང་དང་བསླབ་སྟོན་གྱི་ཐོག་ལས་ འཛིན་སྐྱོང་འཕེལ་གསུམ་འབད་ནི་དང་། ཟབ་མོ་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་ སྙིང་པོར་བཟུང་སྟེ་ ཆོ་ག་ཕྱག་ལེན་ཚུ་ཡང་ གོང་ནས་གོང་དུ་འཕེལ་བར་བྱེད་ནི། མཐར་ཐུག་གི་དམིགས་ཡུལ་ནི་ རྒྱལ་ཁབ་དང་མི་སེར་ཡོངས་ཀྱི་ ཕན་བདེ་དང་མཐའ་དོན་གྱི་དོན་ལུ་ ལྷག་བསམ་གཙང་མའི་ཐོག་ལས་ རྒྱབ་སྐྱོར་དང་ཞབས་ཏོག་ཞུ་ནི་དེ་ཡིན།)
པར་དབང་ © ༢༠༢༦. ཞུང་དྲ་ཚང་། ཐོབ་ཐང་ཆ་ཚང་ཡོད།| གོང་འཕེལ་གཏང་མི།WONS